Skip to main content

Posts

Showing posts from June, 2013

དགའ་བ་དང་སྐྱི་པ་གི་དོན་ལུ་ལགལེན་འཐབ་དགོཔའི་ཀཱྲྀཤྣ་དྲན་ཤེས་།

ལེའུ་དྲུག་པ། དགའ་བ་དང་སྐྱི་པ་གི་དོན་ལུ་ལགལེན་འཐབ་དགོཔའི་ ཀཱྲྀཤྣ་དྲན་ཤེས་། རྒྱ་གར་ལུ་ གསུང་རབ་དང་ ཤཾཀརཱཅཱརྱ་གིས་གཙོས་པའི་ ཆོས་འབྲེལ་བཤེས་གཉན་ཆེན་པོ་ ཚུ་གིས་ ཀཱྲྀཤྣ་ དེ་དོན་དམ་མཆོག་གི་བདག་ཉིད་མཁེས་པ་ཆཉམ་ཀྱི་རྣམ་པར་ཁས་ལེནམ་ཨིན། བྷ་ག་ཝདགཱིཏཱའི་ འགྲེལ་པའི་མགོ་ལུ་རང་ ཤཾཀརཱཅཱརྱཿ གིས་གསུངས་མི་ནང་ ནརཡཎ༔ སྤྲུལ་པ་དང་མ་སྤྲུལ་པའི་བཀོད་པ་ཀུན་ལས་འདས་པ་ཨིན་པར་གསུངས་ཡོད་པ་དང་ ཡང་འགྲེལ་པ་དེའི་ནང་ན་རང་ དོན་དམ་པའི་མཆོག་གི་བདག་ཉིད་ཆེན་པོ་ནཱརཱཡཱཎ་དེ་ དེཝཀཱི་དང་ཝསུདེཝ་རྣམ་གཉིས་ཀྱི་བུའི་ཚུལ་དུ་བྱོན་མི་ ཀཱྲྀཤྣའི་རྣམ་སྤྲུལ་ཨིན་པར་གསུངས་ཏེ་ཡོད། རྒྱུ་མཚན་དེ་ལས་བརྟེན་ ཀཱྲྀཤྣ་གི་རྣམ་སྤྲུལ་གྱི་སྐོར་ལས་འདོད་པ་སོ་སོ་སྦོམ་ཅིག་རང་མེདཔ་ཨིན། དོན་དམ་པར་ལྷའི་ངོ་བོ་ཡོད་མེད་ཀྱི་ལྟ་བ་མ་གཅིག་པའི་མི་ངོ་སྤྱིར་བཏང་ཚུ་གིས་འབད་རུང་ ཀཱྲྀཤྣ་དེ་དོན་དམ་པའི་མཆོག་གི་བདག་ཉིད་ཆེན་པོ་ཨིན་པར་བཞེད་ཚུལ་ལྕོག་རང་ཐད། ཀཱྲྀཤྣ་འདི་འཛམ་གླིང་འདི་ནང་ལུ་ངོ་མ་སྦེ་བཞུགས་ཡོདཔ་ད་ལུ་ ཁོ་གིས་ལཱ་དང་བྱ་བ་ དེ་ལས་སྟོབས་དང་གཟི་བརྗིད་ཀྱིས་འབད་ ལྷ་ཆེན་གཙོ་བོ་ཅིག་ཨིནམ་སྦེ་བདེན ་ ཁུངས་སྐྱེལ་ཡི། ང་བཅས་ཀྱིས་ལྷ་ཆེན་གཙོ་བོ་འདི་ག་ཨིན་ན་ཟེར་